༄། འགོ་ནད་ཟུར་བཀག།
བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་ལྷན་དུ།
དགའ་ཚོར་ཆེན་པོས་དགོད་སྒྲ་སྒྲོག་པ་དང་།
ཁང་པའི་ཟུར་གྲུ་ཀུན་ལ་འཕག་ལྡིང་བྱེད།
ཁྱོད་ང་ཡི་ཡིན་ལ། ང་ཁྱོད་ཀྱི་ཡིན་ཞེས་
ཕན་ཚུལ་ཤུབ་ཤུབ་ཀྱིས་སྒོ་ནས་སྨྲ་བ་དང་།
དངུལ་གསོག་རྫ་མའི་ནང་དངུལ་ཀྲམ་འཛག་
པའི་སྒྲ་འབྱུང་བ་ལྟར་སིག་སྒྲ་སྒྲོགས་པ་དང་།
དཔེར་ན་བསིལ་བསིལ་སྦྲང་ཆར་གཟེགས་མ་
སྙིང་ཁམས་དྲོན་མོར་ཐིགས་པ་དང་མཚུངས།
ཨེ་མ་ཅི་འདྲ་བའི་བསེར་བུ་ལྡང་།
འདི་དག་སུའི་འཇིག་རྟེན་ཡིན་ནམ།
གང་དག་ང་ཡི་དོན་དང་ཁྱོད་ཀྱི་དོན་དུ།
ཕྲ་མོ་ཕྲ་མོ་ཡན་ཆད་བསྲུང་སྐྱོབ་བྱེད།
སྒེའུ་ཁུང་དང་ཁང་པའི་འབྲེལ་བ་ནི་རྙིང་པ་ཞིག་སྟེ།
རྐང་རྗེན་དུ་འགྲོ་བས་ཟུག་རྔུ་ལྷང་ལྷང་འབྱུང་བ་
སྙན་ངག་དུ་གྱེར་འདོན་བྱེད།
ངོ་མཚར། སྲང་ལམ་དེ་ནས་བྱ་རྒོད་ཀྱི་སྒྲ་འདོན་ཏེ།
ཁྱུ་དེ་ལ་ཁྱིམ་སྤྲོད་ཞེས་བརྗོད།
སེམས་ཀྱི་སྒྱུ་མ་བདེ་བའི་ལྕགས་ཐག་གིས་བཅིངས།
མངོན་སུམ་ཁྱོད་ཀྱི་མེ་ལོང་ནི་དཔག་ཚད་ཐག་རིང་དུ་
འཕྱང་ཡོད།
ཨཱ་ཙཱརྱ་ཟླ་བ་ཤར་བས་བོད་བསྒྱུར་ཞུས།
No comments:
Post a Comment